དྲི་བ། རྟགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད་ཡིན།
དྲི་བ། རྟགས་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། རྟགས་ལ་དབྱེ་ན་རྟགས་ཡང་དག་དང༌། རྟགས་ལྟར་སྣང་གཉིས་ཡོད།
དྲི་བ། རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། ཚུལ་གསུམ་ཡིད་པ་དེ་རྟགས་ཡང་དག་གི་མཚན་ཉིད་ཡིན།
དྲི་བ། བྱས་རྟགས་ཀྱི་སྒྲ་མི་རྟག་པ་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། བྱས་རྟགས་ཀྱི་སྒྲ་མི་རྟག་པ་སྒྲུབ་པའི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། བྱས་རྟགས་ཀྱི་སྒྲ་མི་རྟག་པ་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། ཁྱོད་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞིར་བཟུང་བ་གང་ཞིག ཁྱོད་བྱས་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ཡིན་མིན་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། སྒྲ་མི་རྟག་པ་སྒྲུབ་པའི་མཐུན་ཕྱོགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། སྒྲ་མི་རྟག་པ་སྒྲུབ་པའི་སྒྲུབ་ཚུལ་ལྟར་མི་རྟག་པས་མི་སྟོང་བ་དེ་ཡིན།
དྲི་བ། སྒྲ་མི་རྟག་པ་སྒྲུབ་པའི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། སྒྲ་མི་རྟག་པ་སྒྲུབ་པའི་སྒྲུབ་ཚུལ་ལྟར་མི་རྟག་པས་སྟོང་བ་དེ་ཡིན།
དྲི་བ། མཐུན་དཔེར་གྱི་མཚན་ཉིད་གང་ཡིན་ནམ།
ལན། མཐུན་དཔེར་བཟུང་བ་མཐུན་དཔེར་གྱི་མཚན་ཉིད་ཡིན།
དྲི་བ། སྒྲ་མི་རྟག་པ་སྒྲུབ་པའི་མཐུན་དཔེར་གྱི་མཚན་ཉིད་གང་ཡིན་ནམ།
ལན། སྒྲ་མི་རྟག་པ་སྒྲུབ་པའི་མཐུན་དཔེར་བཟུང་བ་དེ་དེའི་མཚན་ཉིད་ཡིན།
དྲི་བ། རྟགས་ཡང་དག་ལ་ངོ་བོའི་སྒོ་ནས་དབྱེ་ན་གསུམ་དེ་གང་ཡིན་ནམ།
ལན། འབྲས་རྟགས་ཡང་དག རང་བཞིན་གྱི་རྟགས་ཡང་དག མ་དམིགས་པའི་རྟགས་ཡང་དག་གསུམ་ཡོད།
དྲི་བ། འབྲས་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། འབྲས་བུའི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། འབྲས་རྟགས་ཡང་དག་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང༌། རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་རང་ལྡོག་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་དང་ལྔ་ཡོད།
དྲི་བ། རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། རང་བཞིན་གྱི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། རང་བཞིན་གྱི་རྟགས་ཡང་དག་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་དང༌། ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གཉིས་ཡོད།
དྲི་བ། ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། རང་བཞིན་གྱི་རྟགས་ཡང་དག་ཡིན་པ་གཞི་བཅས་ལ། རང་ཞེས་བརྗོད་པའི་སྒྲས་རང་གི་བྱེད་པོ་འཕེན་པ་དེ་ཡིན།
དྲི་བ། ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། རང་བཞིན་གྱི་རྟགས་ཡང་དག་ཡིན་པ་གཞིར་བཅས་ལ། རང་ཞེས་བརྗོད་པའི་སྒྲས་རང་གི་བྱེད་པོ་མི་འཕེན་དེ་ཡིན།
དྲི་བ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟག་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན་དགག་པ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། མ་དམིགས་པའི་རྟགས་ཡང་དག་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག སྣང་རུང་མ་དམིགས་པའི་པའི་རྟགས་ཡང་དག་དང་གཉིས་ཡོད།
དྲི་བ། མི་སྣང་བ་མ་དམིགས་པའི་པའི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་ཡིན།
དྲི་བ། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། རྒྱུ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང་ ཁྱབ་བྱེད་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གཉིས་ཡོད།
དྲི་བ། སྣང་རུང་མ་དམིགས་པའི་པའི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་ཡིན།
དྲི་བ། སྣང་རུང་མ་དམིགས་པའི་པའི་རྟགས་ཡང་དག་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། སྣང་རུང་གི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་དང༌། སྣང་རུང་གི་འགལ་དམིགས་ཀྱི་རྟགས་ཡང་དག་ཉིས་ཡོད།
དྲི་བ། སྣང་རུང་གི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་ཚུལ་དང་མེད་དགག་གི་གཞི་མཐུན་དེ་ཡིན།
དྲི་བ། སྣང་རུང་གི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག སྣང་རུང་གི་རྒྱུ་མ་དམིགས་པའི་རྟགས་ཡང་དག སྣང་རུང་གི་རང་བཞིན་མ་དམིགས་པའི་རྟགས་ཡང་དག སྣང་རུང་གི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་དང་བཞི་ཡོད།
དྲི་བ། སྣང་རུང་གི་འགལ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་ཚུལ་དང་མ་ཡིན་དགག་དང་སྒྲུབ་གང་རུང་གི་གཞི་མཐུན་དེ་དེའི་མཚན་ཉིད་ཡིན།
དྲི་བ། སྣང་རུང་གི་འགལ་དམིགས་པའི་རྟགས་ཡང་དག་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། ལྷན་གཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གཉིས་ཡོད།
དྲི་བ། ལྷན་གཅིག་མི་གནས་འགལ་ལ་རྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་འགལ་དམིགས་རྟགས་ཡང་དག་ཀྱང་ཡིན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དངོས་པོ་དང་རྫས་ཐ་དད་ཀྱང་ཡིན་པའི་གཞི་མཐུན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། ལྷན་གཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། བེམ་པོ་གྱུར་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་དང༌།
ཤེས་པ་གྱུར་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག སྲོག་ཆགས་གྱུར་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་དང་གསུམ་ཡོད།
དྲི་བ། ཕན་ཚུན་སྤངས་འགལ་ལ་གརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་འགལ་དམིགས་རྟགས་ཡང་དག་ཀྱང་ཡིན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དངོས་པོ་དང་རྫས་ཐ་དད་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། རྟགས་ཡང་དག་ལ་སྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན་ག་ཚོད་ཡོད་དམ།
ལན། དགག་རྟགས་ཡང་དག་དང༌། སྒྲུབ་རྟགས་ཡང་དག་གཉིས་ཡོད།
དྲི་བ། དགག་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་དགག་པ་ཡིན་པས་ཁྱབ་པ་དེ་ཡིན།
དྲི་བ། སྒྲུབ་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན་ག་ཚོད་ཡོད་དམ།
ལན། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་དང༌། དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་གཉིས་ཡོད།
དྲི་བ། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། མཚོན་བྱ་ཡིན་པས་ཁྱབ་པ་ཡང་ཡིན། དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། དེ་སྒྲུབ་ཀྱི་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། མཚན་ཉིད་ཡིན་པས་ཁྱབ་པ་ཡང་ཡིན། དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། རྟགས་ཡང་དག་ལ་སྒྲུབ་བྱའི་སྒོ་ནས་དབྱེ་ན་གསུམ་དེ་གང་ཡིན་ནམ།
ལན། ཡིད་ཆེས་ཀྱི་རྟགས་ཡང་དག་དང དངོས་རྟགས་ཡང་དག་དང༌། གྲགས་རྟགས་ཡང་དག་དང་བཅས་གསུམ་ཡོད།
དྲི་བ། རྟགས་ཡང་དག་ལ་མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་ག་ཚོད་ཡོད་དམ།
ལན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས་ཡོད།
དྲི་བ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། ཁྱོད་ཀྱི་རྟགས་ཀྱིས་ཆོས་དེ་གཞི་དེར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན་དགོས་པ་གང་ཞིག གཞི་དེ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་ཡང་ཡིན། ཁྱོད་ཆོས་དེ་གཞི་དེར་སྒྲུབ་པའི་ཚུལ་གསུམ་ཡང་ཡིན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། ཁྱོད་ཀྱི་རྟགས་ཀྱིས་ཆོས་དེ་གཞི་དེར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་གང་ཞིག གཞི་དེ་ཡིན་ན་ཁྱོད་ཡིན་པས་ཀྱང་མ་ཁྱབ། ཁྱོད་མ་ཡིན་པས་ཀྱང་མ་ཁྱབ་པ་ཡང་ཡིན། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། ཚུལ་གསུམ་དེ་གང་ཡིན་ནམ།
ལན། ཚུལ་གསུམ་ནི། ཕྱོགས་ཆོས་དང༌། རྗེས་ཁྱབ་དང༌། ལྡོག་ཁྱབ་དང་བཅས་གསུམ་ཡིན།
དྲི་བ། རྒོལ་བའི་རྒོལ་ནས་དབྱེ་ན་ག་ཚོད་ཡོད་དམ།
ལན། རང་དོན་སྐབས་ཀྱི་རྟགས་ཡང་དག་དང༌། གཞན་དོན་སྐབས་ཀྱི་རྟགས་ཡང་དག་གཉིས་ཡོད།
དྲི་བ། རང་དོན་སྐབས་ཀྱི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགསཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་མེད་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། གཞན་དོན་སྐབས་ཀྱི་རྟགས་ཡང་དག་གི་མཚན་ཉིད་གང་ཡིན་ནམ།
ལན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགསཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡོད་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། དྲི་བ། རྟགས་ལྟར་སྣང་གི་མཚན་ཉིད་གང་ཡིན་ནམ།
ལན། ཚུལ་གསུམ་མ་ཡིན་པ་དེ་རྟགས་ལྟར་སྣང་གི་མཚན་ཉིད་ཡིན།
དྲི་བ། རྟགས་ལྟར་སྣང་ལ་ག་ཚོད་ཡོད་དམ།
ལན། འགལ་བའི་གཏན་ཚིགས། མ་ངེས་པའི་གཏན་ཚིགས། མ་གྲུབ་པའི་གཏན་ཚིགས་དང་གསུམ་ཡོད།
དྲི་བ། འགལ་བའི་གཏན་ཚིགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། རང་ཉིད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། འགལ་བའི་གཏན་ཚིགས་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་ག་ཚོད་ཡོད་དམ།
ལན། ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་དང༌། སྒྲ་ཟིན་གྱི་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང༌། སྒྲ་ཟིན་གྱི་ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་དང༌། སྒྲ་ཟིན་གྱི་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང་བཞི་ཡོད།
དྲི་བ། མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྣལ་མར་ཡང་མ་ངེས། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ཡང་མ་
ངེས་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། མ་ངེས་པའི་གཏན་ཚིགས་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དང༌། ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གཉིས་ཡོད།
དྲི་བ། ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། རང་ཉིད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག རང་ཉིད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་ཡོད་པར་མ་ངེས་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། རང་ཉིད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག་རང་ཉིད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་ཡོད་པར་ངེས་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང༌། ལྷག་ལྡན་གྱི་གཏན་ཚིགས་གཉིས་ཡོད།
དྲི་བ། དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། རང་ཉིད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གང་ཞིག རང་ཉིད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པར་ངེས་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། ལྷག་ལྡན་གྱི་གཏན་ཚིགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། རང་ཉིད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གང་ཞིག རང་ཉིད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པར་མ་ངེས་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། ལྷག་ལྡན་གྱི་གཏན་ཚིགས་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། ཡང་དག་ལྷག་ལྡན་གྱི་གཏན་ཚིགས་དང༌། འགལ་བ་ལྷག་ལྡན་གྱི་གཏན་ཚིགས་གཉིས་ཡོད།
དྲི་བ། ཡང་དག་ལྷག་ལྡན་གྱི་གཏན་ཚིགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། རང་ཉིད་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་ཚིགས་གང་ཞིག རང་ཉིད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། རང་ཉིད་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་ཚིགས་གང་ཞིག རང་ཉིད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད་གང་ཡིན་ནམ།
ལན། ཁྱོད་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པ་དེ་དེའི་མཚན་ཉིད་ཡིན།
དྲི་བ། མ་གྲུབ་པའི་གཏན་ཚིགས་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས། བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས། རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་དང་གསུམ་ཡོད།
དྲི་བ། དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས། གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས། རྟགས་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་མེད་ནས་མ་གྲུབ་པའི་གཏན་ཚིགས། ཆོས་ཅན་གྱི་ཕྱོགས་རྟགས་ལ་མེད་ནས་མ་གྲུབ་པའི་གཏན་ཚིག་དང་བདུན་ཡོད།
དྲི་བ། བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས། རྟགས་དང་ཆོས་ཅན་གཉིས་ཀ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས། ཤེས་འདོད་ཆོས་ཅན་སྐྱོན་མེད་མེད་ནས་མ་གྲུབ་པའི་གཏན་ཚིགས་དང་བཞི་ཡོད།
དྲི་བ། རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལ་དབྱེ་ན་ག་ཚོད་ཡོད་དམ།
ལན། སྔ་རྒོལ་ལ་བལྟོས་ནས་མ་གྲུབ་པའི་གཏན་ཚིགས། ཕྱི་རྒོལ་ལ་བལྟོས་ནས་མ་གྲུབ་པའི་གཏན་ཚིགས།
སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ་བལྟོས་ནས་མ་གྲུབ་པའི་གཏན་ཚིགས་དང་གསུམ་ཡོད། འཕྲན་བརྒྱ་མ་བ་བློ་བཟང་དངོས་གྲུབ་ཀྱིས།

0 མཆན།:
Post a Comment
Click to see the code!
To insert emoticon you must added at least one space before the code.