2014-05-14


དྲི་བ། བློའི་མཚན་ཉིད་གང་ཡིན་ནམ།

ལན། རིག་པ་བློའི་མཚན་ཉིད་ཡིན།

དྲི་བ། ཤེས་པའི་མཚན་ཉིད་གང་ཡིན་ནམ།

ལན། གསལ་ཤིང་རིག་པ་ཤེས་པའི་མཚན་ཉིད་ཡིན།

དྲི་བ། དབང་ཤེས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་རིག་པ་དེ་ཡིན།

དྲི་བ། དབང་ཤེས་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། མིག་ཤེས། རྣ་ཤེས། སྣ་ཤེས། ལྕེ་ཤེས། ལུས་ཤེས་དང་ལྔ་ཡོད།

དྲི་བ། ཡིད་ཤེས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་རིག་པ་དེ་ཡིན།

དྲི་བ། བློ་རིག་ལ་བདུན་དུ་དབྱེ་བ་དེ་གང་ཡིན་ནམ།

ལན། མངོན་སུམ། རྗེས་དཔག བཅད་ཤེས། ཡིད་དཔྱོད། སྣང་ལ་མ་ངེས། ཐེ་ཚོམ། ལོག་ཤེས་དང་བདུན་ཡོད།

དྲི་བ། མངོན་སུམ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རྟོགས་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་སླུ་བའི་རིག་པ་དེ་ཡིན།

དྲི་བ། མངོན་སུམ་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། དབང་མངོན། ཡིད་མངོན། རང་རིག་མངོན་སུམ། རྣམ་འབྱོར་མངོན་སུམ་དང་བཞི་ཡོད།

དྲི་བ། དབང་མངོན་གྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་སྐྱེས་པའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། དབང་ཤེས་ལ་ལྔ་ཡོད་པ་དེ་དག་གང་ཡིན་ནམ།

ལན། མིག་ཤེས། རྣ་ཤེས། སྣ་ཤེས། ལྕེ་ཤེས། ལུས་ཤེས་དང་ལྔ་ཡིན།

དྲི་བ། དབང་མངོན་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། གཟུགས་འཛིན་དབང་མངོན། སྒྲ་འཛིན་དབང་མངོན། དྲི་འཛིན་དབང་མངོན། རོ་འཛིན་དབང་མངོན། རེག་བྱ་འཛིན་པའི་དབང་མངོན་དང་ལྔ་ཡོད།

དྲི་བ། གཟུགས་འཛིན་དབང་མངོན་གྱི་མཚན་ཉིད་གང་ཡིན་ནམ།

ལན།  རང་གི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་མིག་དབང་དང་དམིགས་རྐྱེན་གཟུགས་ལ་བརྟེན་ནས་སྐྱེས་པའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། སྒྲ་འཛིན་དབང་མངོན་གྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་སྒྲའི་དབང་པོ་དང་དམིགས་རྐྱེན་སྒྲ་ལ་བརྟེན་ནས་སྐྱེས་པའི་རྟོག་པ་དང་

བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། དྲི་འཛིན་དབང་མངོན་གྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་སྣའི་དབང་པོ་དང་དམིགས་རྐྱེན་དྲི་ལ་བརྟེན་ནས་སྐྱེས་པའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། རོ་འཛིན་དབང་མངོན་གྱི་མཚན་ཉིད་གང་ཡིན་ནམ།

ལན།  རང་གི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་ལྕེའི་དབང་པོ་དང་དམིགས་རྐྱེན་རོ་ལ་བརྟེན་ནས་སྐྱེས་པའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། རེག་བྱ་འཛིན་པའི་དབང་མངོན་གྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་ལུས་དབང་དང་དམིགས་རྐྱེན་རེག་བྱ་ལ་བརྟེན་ནས་སྐྱེས་པའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། ཡིད་མངོན་གྱི་མཚན་ཉིད་གང་ཡིན་ནམ།

ལན།  རང་གི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལས་བྱུང་བའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། ཡིད་མངོན་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། སྐབས་འདིར་བསྟན་གྱི་ཡིད་མངོན་དང༌། དེ་མ་ཡིན་པའི་ཡིད་མངོན་གཉིས་ཡོད།

དྲི་བ། སྐབས་འདིར་བསྟན་གྱི་ཡིད་མངོན་གྱི་མཚན་ཉིད་གང་ཡིན་ནམ།

ལན།  རང་གི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལས་བྱུང་བའི་སྐབས་འདིར་བསྟན་གྱི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེ་ཡིན།

དྲི་བ། སྐབས་འདིར་བསྟན་གྱི་ཡིད་མངོན་ལ་ག་ཚོད་ཡོད་དམ།

ལན། གཟུགས་འཛིན་ཡིད་མངོན། སྒྲ་འཛིན་ཡིད་མངོན། དྲི་འཛིན་ཡིད་མངོན། རོ་འཛིན་ཡིད་མངོན། རེག་བྱ་འཛིན་པའི་ཡིད་མངོན་དང་ལྔ་ཡོད།

དྲི་བ། རང་རིག་མངོན་སུམ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་འཛིན་རྣམ་དེ་ཡིན།

དྲི་བ། རང་རིག་མངོན་སུམ་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། དེ་གྱུར་པའི་ཚད་མ་དང༌། བཅད་ཤེས། སྣང་ལ་མ་ངེས་དང་གསུམ་ཡོད།

དྲི་བ། རྣམ་འབྱོར་མངོན་སུམ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ་ཡིན།

དྲི་བ། རྣལ་འབྱོར་མངོན་སུམ་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། ཉན་ཐོས་ཀྱི་རྣལ་འབྱོར་མངོན་སུམ། རང་རྒྱལ་གྱི་རྣལ་འབྱོར་མངོན་སུམ། ཐེག་ཆེན་གྱི་རྣལ་འབྱོར་མངོན་སུམ་དང་གསུམ་ཡོད།

དྲི་བ། དབང་པོ་ལྔ་དེ་གང་ཡིན་ནམ།

ལན། མིག་གི་དབང་པོ། རྣའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ་དང་ལྔ་ཡོད།

དྲི་བ། རྗེས་དཔག་གི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་མི་སླུ་བའི་ཞེན་རིག་དེ་ཡིན།

དྲི་བ། རྗེས་དཔག་ཚད་མའི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་ཞེན་རིག་དེ་ཡིན།

དྲི་བ། རྗེས་དཔག་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། ཡིད་ཆེས་རྗེས་དཔག གྲགས་པའི་རྗེས་དཔག དངོས་སྟོབས་རྗེས་དཔག་དང་གསུམ་ཡོད།

དྲི་བ། ཡིད་ཆེས་རྗེས་དཔག་གི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་རྟེན་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ཤིན་ལྐོག་གྱུར་ལ་མི་སླུ་བའི་ཞེན་རིག་དེ་ཡིན།

དྲི་བ། གྲགས་པའི་རྗེས་དཔག་གི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་རྟེན་གྲགས་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་སྒྲ་བྱུང་གྲགས་པ་ལ་མི་སླུ་བའི་ཞེན་རིག་དེ་ཡིན།

དྲི་བ། དངོས་སྟོབས་རྗེས་དཔག་གི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་རྟེན་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ཅུང་ཟད་ལྐོག་གྱུར་ལ་མི་སླུ་བའི་ཞེན་རིག་དེ་ཡིན།

དྲི་བ། བཅད་ཤེས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་རྟོགས་པའི་ཚད་མིན་གྱི་རིག་པ་དེ་ཡིན།

དྲི་བ། བཅད་ཤེས་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། མངོན་སུམ་བཅད་ཤེས་དང༌། རྟོག་པ་བཅད་ཤེས་གཉིས་ཡོད།

དྲི་བ། མངོན་སུམ་བཅད་ཤེས་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། དབང་མངོན་བཅད་ཤེས། ཡིད་མངོན་བཅད་ཤེས། རང་རིག་བཅད་ཤེས། རྣལ་འབྱོར་མངོན་སུམ་བཅད་ཤེས་དང་བཞི་ཡོད།

དྲི་བ། རྟོག་པ་བཅད་ཤེས་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། མངོན་སུམ་གྱིས་དྲངས་པའི་རྟོག་པ་བཅད་ཤེས་དང༌། རྗེས་དཔག་གིས་དྲངས་པའི་རྟོག་པ་བཅད་ཤེས་གཉིས་ཡོད།

དྲི་བ། ཡིད་དཔྱོད་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་འཇུག་ཡུལ་གྱི་གཙོ་བོར་གྱུར་པའི་ཆོས་ལ་མཐའ་གཅིག་ཏུ་ཞེན་ཀྱང་བཅད་དོན་མ་ཐོབ་པའི་རིག་པ་དེ་ཡིན།

དྲི་བ། ཡིད་དཔྱོད་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། རྒྱུ་མཚན་མེད་པའི་ཡིད་དཔྱོད། རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད། རྒྱུ་མཚན་ལྟར་སྣང་ལ་བརྟེན་པའི་ཡིད་དཔྱོད་དང་གསུམ་ཡོད།

དྲི་བ། ཐེ་ཚོམ་གྱི་མཚན་ཉིད་གང་ཡིན་ནམ།

ལན། རང་སྟོབས་ཀྱི་མཐའ་གཉིས་སུ་དོགས་པའི་རིག་པ་དེ་ཡིན།

དྲི་བ། ཐ་ཚོམ་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་དང་གསུམ་ཡོད།

དྲི་བ། སྣང་ལ་མ་ངེས་པའི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་ཡང་དེ་ལ་ངེས་པ་འདྲེན་མི་ནུས་པའི་རིག་པ་དེ་ཡིན།

དྲི་བ། སྣང་ལ་མ་ངེས་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། སྣང་ལ་མ་ངེས་དུ་གྱུར་པའི་དབང་མངོན། ཡིད་མངོན། རང་རིག་མངོན་སུམ་དང་གསུམ་ཡོད།

དྲི་བ། འཁྲུལ་ཤེས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། མ་འཁྲུལ་བའི་ཤེས་པའི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་སྣང་ཡུལ་ལ་མ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། ལོག་ཤེས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་འཇུག་ཡུལ་ལ་འཁྲུལ་བའི་རིག་པ་དེ་ཡིན།

དྲི་བ། ལོག་ཤེས་ལ་དབྱེ་ན་ག་ཚོད་ཡོད་དམ།

ལན། རྟོག་པ་ལོག་ཤེས་དང༌། རྟོག་མེད་ལོག་ཤེས་གཉིས་ཡོད།

དྲི་བ། སེམས་འཇུག་གི་བློའི་མཚན་ཉིད་གང་ཡིན་ནམ།

ལན། རང་ཡུལ་ལ་བརྡ་དབང་གིས་འཇུག་པའི་རིག་པ་དེ་ཡིན།

དྲི་བ། སྒྲུབ་འཇུག་གི་བློའི་མཚནཉིད་གང་ཡིན་ནམ།

ལན། རང་ཡུལ་ལ་དངོས་དབང་གིས་འཇུག་པའི་རིག་པ་དེ་ཡིན།

དྲི་བ། སེམས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་འཁོར་དུ་བྱུང་བའི་སེམས་བྱུང་དང་མཚུངས་པར་ལྡན་པ་དེ་ཡིན།

དྲི་བ། སེམས་བྱུང་གི་མཚན་ཉིད་གང་ཡིན་ནམ།

ལན། རང་གི་འཁོར་དུ་ལྡན་པའི་སེམས་དང་མཚུངས་པ་ལྡན་པ་དེ་ཡིན།

དྲི་བ། མཚུངས་ལྡན་རྣམ་པ་ལྔ་དེ་གང་ཡིན་ནམ།

ལན། དམིགས་པ་མཚུངས་པ། རྣམ་པ་མཚུངས་པ། དུས་མཚུངས་པ། རྟེན་མཚུངས་པ། རྫས་མཚུངས་པ་དང་ལྔ་ཡིན།

དྲི་བ། སེམས་བྱུང་ལ་ཀུན་འགྲོ་ལྔ་དེ་གང་ཡིན་ནམ།

ལན། ཚོར་བ། འདུ་ཤེས། སེམས་པ། ཡིད་ལ་བྱེད་པ། རེག་པ་དང་ལྔ་ཡོད།

དྲི་བ། སེམས་བྱུང་ལ་ཡུལ་མངོན་ལྔ་དེ་གང་ཡིན་ནམ།

ལན། འདུན་པ། མོས་པ། དྲན་པ། ཏིང་ངེས་འཛིན། ཤེས་རབ་དང་ལྔ་ཡིན།

དྲི་བ། སེམས་བྱུང་ལ་དགེ་བ་བཅུ་གཅིག་དེ་གང་ཡིན་ནམ།

ལན། དད་པ། ངོ་ཚ་དང་ཁྲེལ་ཡོད་པ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། བརྩོན་འགྲུས།

ཤིན་སྦྱངས། བག་ཡོད། བཏང་སྙོམས། རྣམ་པར་མི་འཚེ་བ་དང་བཅུ་གཅིག་ཡིན།

དྲི་བ། གཞན་འགྱུར་བཞི་དེ་གང་ཡིན་ནམ།

ལན། གཉིད༌། འགྱེད་པ། རྟོག་པ། དཔྱོད་པ་དང་བཞི་ཡིན།

0 མཆན།:

Post a Comment