2014-12-25


འགྲོ་མགོན་སངས་རྒྱས་དབོན་གཞུན་ནུ་འབྱུང་གནས་ནི་བོད་རབ་བྱུང་གསུམ་པ་ས་ཕོ་རྟ་སྤྱི་ལོ་ ༡༡༣༨ ལོ་མགོའི་ཚེས་དགུའི་ཉི་མ་ཕྱེད་ཡོལ་ལ་མལ་གྲོ་བ་རབ་དུ་དགྱེར་ལྷ་སྣང་གི་རིགས་ཡབ་དགྱེར་བུ་མོ་སྟག་དང། ཡུམ་ཤ་མོ་མདོག་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཁོང་གཉིས་ལ་སྲས་ཆེ་བ་ཡོན་བདག་ཡ་སོ་དང་། ཆུང་བ་འགྲོ་མགོན་ཉིད། དེ་འོག་ལྕམ་རྒྱ་མོ་ཧོས་དང་གསུམ་འཁྲུངས།
ཡབ་ཡུམ་ལ་རྨི་ལྟས་བཟང་པོ་བྱུང་བ་འདི་བསོད་ནམས་ཅན་མི་ལ་ཕན་པ་ཞིག་ཡོད་གསུངས་སྐད། འགྲོ་མགོན་ཉིད་དགུང་ལོ་བཞི་ལྔ་ནས་བྱིས་པ་རྣམས་བསྡུས་ནས་ཆོས་བཤད་མཛད། དགྱེར་སྒོམ་པ་ཆེན་པོས་བྱིས་པ་དེ་ངའི་དྲུད་དུ་སྐྱོལ་དེར་བཞག་པ་ཕངས་གསུངས་ནས་དགུང་ལོ་བརྒྱད་ནས་རིན་ཆེན་སྒང་དུ་བྱོན། དགུ་ལོ་བཅུ་བདུསྐྱ་རེངས་དཀར་པོས་ཏིང་འཛིན་ཐུན་ལས་སློང་ རྒྱ་ཇ་སེར་པོ་མགྲིན་པའི་བཅུད་དུ་བསིམ་ རི་རྒྱལ་ལྷུན་པོས་གསེར་མདོག་པཎ་ཞ་གསོལ་ སྡིག་ཅན་སྡིག་དང་དགེ་ཅན་དགེ་ལ་བརྩོན་ན་ལ་ཀླུང་འགོར་དབེན་ཐང་པས་མཁན་པོ་དང་དགྱེར་སྒོམ་པ་ཆེན་པོས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་ལ་སྐྱིད་ཤོད་དུ་མཁན་པོ་ཉག་བྲན་དང་དགེ་བཤེས་ཆོས་དང་ཁ ཆེས་ལས་སློབ་གསར་སྟོན་མཛད་ནས་བསྙེནན་པར་རྫོགས་ཏེ་དགེ་སློང་མཛད། ཉག་བྲན་གྱི་དྲུང་དུ་ལོ་གསུམ་གཞུགས། དེ་ནས་དགྱེར་སྒོམ་པ་ཆེན་པོ་སྐུ་བགྲེས་པས་རིན་ཆེན་སྒང་དུ་བཟུགས། དགུང་ལོ་ཉེར་ལྔ་ལ་འདུལ་བའི་བཤད་པ་མཛད། དེ་ལྟར་ལོ་བཅོ་བརྒྱད་རིང་བླ་མ་མཉེས་པར་གྱུར་བའི་མཆོད་པ་མཛད་ནས་དགུང་ལོ་སོ་སུམ་ལ་གདན་ས་མཛད། དགུ་ལོ་སུམ་ཅུ་སོ་ལྔར་སྣོན་ཕུ་མཉེར་དུ་ཆོས་གསུངས། སྐུའི་ཡོན་ཏན་ལ་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་འཐེན་ན་སོར་བཞི་ཡོད་པ། བཏང་ན་དེ་ཉིད་དུ་གཡས་སུ་འཁྱེལ་བ། ཕྱག་ཞབས་ལ་བཀྲ་ཤིས་པའི་རྟགས་དང་ཡི་གེའི་རྣམ་པ་བཅས་མཚན་དཔེ་འོལ་སྤྱི་ཙམ་ཐམས་ཅད་ཀྱི་མཐོང་སྣང་དུ་ཡོད་པ། ཚུལ་ཁྲིམས་ཀྱི་དྲི་བསུང་དང་ལྡན་པ། རྒན་འཁར་ཐོགས་ནས་བྱིས་པ་ཡིན་ལ་རང་རང་གི་མོས་བློ་དང་མཐུན་པའི་གདམས་ངག་ཉིན་སྦྲེལ་ནས་གསུངས་པ་ཞིག་ཡོད། ཐུགས་ཀྱི་ཡོན་ཏན་ལ་མདོ་སྔགས་ཐམས་ཅད་ཀྱི་དགོངས་དོན་མངོན་སུམ་དུ་རྟོགས་པ། བརྩེ་བའི་ཡོན་ཏན་ནི་སེམས་ཅན་ཐམས་ཅད་ལ་མ་གཅིག་གི་བུ་ལྟར་བརྩེ་བ་ཆེ་བ། ཏིང་ངེ་འཛིན་གྱི་ཡོན་ཏན་ལ་མདོན་པར་ཤེས་པ་ལ་ཐོགས་ཐུག་མི་མངའ་བ་ཞིག་ཡོད འཕན་ཡུལ་དང་སྙེ་ཐང་སོགས་སུ་བྱོན་པའི་སྐབས་ངོ་མཚར་བའི་མཛད་པ་མང་པོ་བསྟན། གུ་ཐང་གི་བྱང་ཆུབ་ཆེན་པོ་བཞེངས་པའི་སྐབས་ཀྱང་རི་བོ་མཎྜལ་གྱི་རྩེ་ནས་རབས་གཉས་མཛད། གང་གི་སློབ་མ་སློབ་དཔོན་བཟང་མོ་བས་དུས་རྟག་ཏུ་འགྲོ་མགོན་ལ་ལུས་སྲོག་ལོངས་སྤྱོད་ཐམས་ཅད་འབུལ་བ་ཞིག་བྱུང་ཞིང་གསང་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ཡོད་པ་མ་ཟད་ད་ལྟའང་ཁོང་གི་ཞབས་རྗེས་དུ་མ་མཇལ་རྒྱུ་ཡོད། རྒྱ་མ་ཁྲི་ཁང་གི་ལྕགས་རིའི་ནང་དུ་ཆོས་ཁང་གོང་འོག་གཉིས་ཡོད་ཅིང་། དེ་ནི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་འགྲོ་མགོན་སངས་རྒྱས་དབོན་གྱིས་བོད་ལྕགས་སྟགས་སྤྱི་ལོ་ ༡༡༧༠ ཙམ་ལ་ཕྱག་བཏབ། སྔ་མཆོད་ཁང་འོག་མའི་རྟེན་གཙོ་སྐུ་རྒྱུ་རྒྱ་གར་ཤར་ལི་ལས་གྲུབ་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་སྐུ་ཚད་མཐོ་ཚད་ཐོག་རྩེག་གཅིག་ལྷག་ཙམ་ཡོད་བྱིན་ཅན་བདུད་རྩི་དངོས་སུ་ཕབས་མྱོང་བ་ཞིག་དང་གསེར་ཟངས་ཀྱི་ཐུབ་དབང་། བཀའ་གདམས་མཅོད་རྟེན། གསེར་དངུལ་སོགས་རིན་ཆེན་སྣ་ལྔ་ལས་བྲིས་པའི་བཀའ་འགྱུར། བསྟན་འགྱུར། འབུམ་ཟེར་པ་ཅན། རྒྱས་སྟོང་ཟུངས་བསྡུས་སོགས་བཀའ་དཔེ་དུ་མ་བཞུགས། དགོན་པ་དེར་མདོ་སྦུག་བར་གསུམ་ཡོད་པ་ལས་ལྷ་ཁང་སྦུག་མར་རྒྱ་ཁྱོན་ཀ་བ་བཟིའི་ས་དང་དེའི་ནང་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་སོགས་བཟུགས་ཤིང་། རྒྱལ་སྒོ་སྦུག་མའི་གཡས་ངོས་སུ་དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་དང་བཅས་པའི་ལྡེབས་རིས་དང། གཡོན་ངོས་སུ་མགོན་པོ་ཕྱག་དྲུག་འཁོར་དང་བཅས་འི་ལྡེབས་རིས་སོགས་རྩ་ཆེའི་ལྡེབས་རིས་དུ་མ་མཇལ་རྒྱུ་ཡོད། བར་མར་འདུ་ཁང་རྒྱ་ཁྱོན་ཀ་བ་དྲུག་གི་ས་དང་སྤྱན་རས་གཟིགས་ཀྱི་ལྷ་ཁང་ལ་བར་སྐོར་གཡས་གཡོན་དུ་ཚེ་དཔག་མེད་ཀྱི་སྟོང་སྐུ་སོགས་དང་། རྒྱལ་སྒོ་བར་མའི་གཡས་གཡོན་དུ་རྒྱལ་ཆེན་རིགས་བཞིའི་ལྡེབས་རིས་སོགས་ཡོད། རྒྱལ་སྒོ་ཕྱི་མའི་གཡས་གཡོན་དུ་གྲྭ་ཤག་དང་། རུང་ཁང་། རྟ་ར་སོགས་ཁང་མིག་བཅུ་གཉིས་ཡོད། དགོན་པ་དེ་ནི་རབ་རྒྱས་གླིང་ངམ་ཆོས་ཁང་འོག་ཅེས་པ་དེ་ཡིན། དེའི་རྗེས་སུ་མཆོད་ཁང་གོང་དེ་བཞེངས་པའི་དགོངས་པ་གཏད་སྐབས་གཡེང་སྒོམ་རིན་གྱིས་ལན་གཅིག་ལ་གསེར་ཞི་ཉིས་སྟོང་ཕུལ། ཁྱོན་བསྡོམས་ན་གསེར་ཞོ་གསུམ་སྟོང་ཕུལ། གཙུག་ལག་ཁང་གསར་དུ་བཞེངས་པའི་ཐུགས་ཐག་བཅད། རྟགས་མཚན་བཟང་པོ་བྱུང་བ་དང། མོན་བོད་མཚམས་ཀྱི་སྐྱེ་བོ་གྲགས་ཅན་དར་མ་རྡེ་རྗེ་ཞེས་བྱ་བ་འགྲོ་མགོན་གྱི་སྐུ་གམ་དུ་བཞུགས་ཡོད་པས་དཔོན་དར་མ་རྡེ་རྗེས་གཙུག་ལག་ཁང་བཞེངས་མ་ཚར་བར་དུ་ཤིང་འདྲེན་པའི་དམ་བཅའ་ཕུལ། བླ་མའི་གདམས་ངག་རྣམས་ཐུགས་ལ་བཞག་ནས་རྟ་དྲེའུ་བདུན་ཙམ་གྱི་རྒྱབ་ཁལ་ནོན་པར་བྱས་ཅི་དགོས་པའི་ཆ་རྐྱེན་རྣམས་ཁྱེར་ཏེ་དགེ་བཙུན་བཅུ་ལྷག་ཙམ་དང་བཅས་དཔོན་གཡོག་མི་ཉུང་བ་ཞིག་གིས་སྟག་གཞེར་མགོ་ཆུང་ལ་ནས་གསུམ་པ་ཁ་སྒང་གི་བྱང་ལམ་བརྒྱུད་དེ་ནགས་ཤོད་གསུམ་པའི་སྟད་དུ་ཤིང་འདྲེན་པར་བྱོན་། ཟླ་བ་གཅིག་དང་ཞག་ལྔ་འདས་པ་ན་ཀ་རོང་མཐོང་བའི་ལ་ཁར་ཕེབས་པའི་ཚེ་ནགས་ཤོད་ཀ་རོང་ཀླུང་དུ་བབས་ནས་ནགས་ཚལ་གྱི་དཀྱིལ་དུ་བྲང་བཏབ་ནས་བཞུགས། དཔོན་བརྒྱུད་ཚུལ་ཁྲིམས་རྒྱལ་པོ་དང་། ཀ་ཚ་ཀློག་ཆུང་། རྡེར་སེང་ལ་སོགས་པ་ཆེ་བགྲེས་རྣམས་ལ་ཟ་བཏུང་གི་དངོས་པོ་གཏོད་ཆེ་བ་བཏེགས་ནས་ཤིང་འདྲེན་པའི་ཞུ་བ་ཕུལ། མི་ཆེན་དེ་དག་གིས་ཀྱང་གཏམ་གཏད་ཆེན་པོས་ཤིད་འདྲེན་པ་ལ་བསོད་ནམས་ཆེ་བ། ལོངས་སྤྱོད་ཆེ་བ། ལམ་འགྲོ་ཆེ་བ་ཞིག་དགོས་པས་དེ་དག་མེད་ན་ཤིང་མི་འདྲོང་ཟེར། དཔོན་དར་མ་རྡེ་རྗེས་དེ་ལ་སྐབས་འཕྲལ་ལེན་འདེབས་མཛད་པས་གནང་བ་ཐོབ། དེ་ནས་ནགས་ཚལ་མཐུག་པོའི་ཁྲིད་ནས་ཤིང་གྱི་རྒྱལ་པོ་ཤུག་པའི་ཚོགས་ཀྱིས་གཙོས་ཤིང་རྣམས་གཅོད་འགོ་བཙུགས་ནས་ཀ་གདུང་གསུམ་བརྒྱས་སྣ་དྲངས་པའི་ཤིང་རིགས་སྟོང་ཚོ་གཅིག་ཙམ་བཅད། དེ་ཚེ་ནགས་ཤོད་ཀྱི་སྐྱེ་བོ་ཚོས་འཕྱ་ཞིང་བན་བདེ་གླེན་པ་ཚོས་ཤིང་དེ་རྣམས་ག་ལ་དྲོངས་ཟེར། འོན་ཀྱང་བླ་མའི་ཐུགས་བསྐྱེད་བྱིན་རླབས་ཀྱི་ཆ་རྒྱུས་མེད་པའི་ལམ་ཕྲང་ཤིན་ཏུ་རྩུབ་མ་རྣམས་ལས་གྲོལ་ཏེ་ཉིན་བཞིའི་ཐོག་འབྲི་གུང་ཐང་ལ་ཐོན། དེ་ནས་རིམ་བཟིན་སྣོན་བརྒྱ་མར་འབྱོར་ཏེ་ཟླ་བ་ཕྱེད་དང་གསུམ་ལ་ནགས་ཤོད་ནས་འཁོར་ཤིང་དེ་དག་ཤིང་བཟོ་ལ་ལྡེང་བའི་སྐབས་དང་བྲལ་བས་སླར་ཡང་ཤིང་འདྲེན་པའི་ཡོ་བྱད་གྲབས་གཤོམ་ལ་བཞུགས། དཔོན་རྒན་དར་མ་རྡོ་རྗེ་དང་ལྷ་བཟོ་ཕག་སྣས་ཐོག་སྲངས་ཏེ་ཨར་སྐྱ་སུམ་ཅུ་གྱིས་མཛོ་རྟ་བཟི་བཅུ་ཙམ་ལ་འཕྲལ་ལ་དགོས་པའི་ནོར་རྗས་བུར་ལྟང་དང་ཚོས་ལྟང་སོགས་ཆ་རྐྱེན་ཅི་དགོས་རྡོག་ནས་ནགས་ཤོད་གསུམ་པའི་ཡུལ་དུ་ཕྱིན་ཀྱང་ཤིང་འདྲེན་པའི་རེ་བ་བྲལ་ནས་སླར་ཡང་ཕྱིར་འབྱོར། སྔར་ལས་ལྷག་པའི་གྲ་སྒྲིག་ནུས་ཤུགས་གཅིག་སྒྲིལ་བྱས་ནས་ནགས་ཤོས་ཕྱོགས་སུ་བསྐྱོད་དེ་གནས་པོ་བརྩོན་ཤཱཀ་ལ་སོགས་པར་རེ་བ་བཅོལ་ནས་མཛོ་ཕོ་བརྒྱད་ཅུ་དང་། རྟ་དྲེའུ་མང་པོ་ལ་དགོས་པའི་ནོར་རྫས་ཇི་སྙེད་བཀལ་ནས་བསྐྱོད་དེ་མི་གྔས་བརྒྱ་ལྷག་ཐབ་ཚོ་བཅུ་བཟིར་བྱས་ཏེ་ནགས་ཤོད་ལ་བསྐྱོད། ཀ་རོང་ཤིང་གསར་ཐམས་ཅད་ཟས་ནོར་གྱིས་ཚིམས་པར་བྱས་ནས་སྟོན་དུ་ཤིང་འདྲེན་དུ་བཅུག་སྨད་དུ་འབྲུ་རིགས་ནས་ལ་སོགས་པའི་ཆ་རྐྱེན་བསྒྲུབས་ཀྱང་དཔོན་མ་བཞུགས་པས་མི་རྣམས་ལས་མ་བྱས་པར་བཞག་སླར་ཡང་དཔོན་གྱི་སྤརོ་བ་བསྲིངས་ཏེ་ཤིང་འདྲེན་རྣམས་ལ་བུར་ལྟང་བཞི་ལྔ་ཙམ་བརྔན་པར་བྱིན་ནས་ཕོ་མོ་ཐམས་ཅད་ཀྱིས་ལུང་བཀང་ནས་ཤིང་རྣམས་ཉི་ལྔ་ཡི་ས་སྟོད་་ཕུར་ལ་ཁར་བསྐྱལ། ཤིང་ཆེན་རྣམས་སྨྲི་ཏེ་ལ་ཁ་བརྒྱུད་སི་རི་རོང་ལ་བསགས་ནས་ཆུར་བཏང་ཏེ་སྣོན་རྒྱ་མའི་མདར་འདྲེན་པར་བྱས་པའི་དཀའ་ངལ་བརྒྱ་ཕྲག་གི་ཁྲོད་ནས་ལེགས་པར་ཐར་བའི་མཚན་སྙན་གྱི་བ་དན་བརྒྱ་མ་སྒང་གི་ནམ་མཁར་ཁྱབ་པར་བྱས། དཔོན་དར་མ་རྡེ་རྗེ་སོགས་ཤིང་འདྲེན་མཁན་རྣམས་ལ་དགའ་བསུ་ཚད་མེད་མཛད་དོ། དེ་ནས་ལྕམ་ཤིང་ཆུང་བ་རྣམས་དྭགས་པོའི་སྨད་ནས་དྲངས་ཏེ་མལ་གྲོའི་ཕུ་ནས་ཆུ་ལ་དྲངས་ཏེ་སྣོན་རྒྱ་མའི་མདར་ཕབ། དེ་ལྟར་དཔོན་དར་མ་རྡོ་རྗེས་ནགས་ཤོད་ལ་ལན་དགུ། དྭགས་པོའི་ཡུལ་དུ་ལམ་དགུ་བཅས་བསྐྱོད་དེ་ཀ་གདུང་ལྕམ་ཤིང་གི་དཀའ་ངལ་རྣམས་སེལ་བར་གྱུར་ཏེ། །

འགྲོ་མགོན་རིན་པོ་ཆེའི་ཐུགས་དགོངས་རྫོགས་པར་གྱུར་ནས་སྟག་གི་ལོའི་དཔྱིད་དུས་གཟའ་སྤེན་པ་ས་ག་ཟླ་བའི་ཚེས་བཅུ་གསུམ་ཐོ་རངས་སྟག་གི་དུས་ལ་གཙུག་ལག་ཁང་གསར་མའི་རྩིག་རྨང་བཏིང་། སློབ་དཔོན་བཟང་མོ་བས་ཀྱང་མཐུན་རྐྱེན་བསམ་གྱིས་མི་ཁྱབ་པ་སྒྲུབ་པར་མཛད་ཅིང་། དེ་ལྟར་གཙུག་ལག་ཁང་མཚན་ཉིད་དང་ལྡན་པ་རྟེན་དང་བརaེན་པར་བཅས་བློ་ཡུལ་དུ་མི་ཤོང་བ་ཞིག་བསྐྲུན་པར་མཛད། མཆོད་ཁང་གོང་གསར་མའི་ནང་གི་རྟེན་གཙོ་འགྲོ་མགོན་སངས་རྒྱས་དབོན་་གྱི་འདྲ་སྐུ་མི་ཚད་ཆེ་ཚད་ཙམ་རྒྱ་གར་ཤར་ལི་བྱིན་ཅན་བདུད་རྩི་དངོས་སུ་འབེབས་པ་སོགས་སྐུ་གསུང་ཐུགས་རྟེན་དུ་མ་བཞུགས་ཡོད་ཀྱང་རིག་གནས་གསར་བརྗེའི་སྐབས་གཏོར་ཏེ་ད་ལྟ་བཞུགས་མེད། གཙུག་ལག་ཁང་གསར་རྙིང་གོང་འོག་གཉིས་ཀ་རྒྱ་ཁྱོན་འདྲ་བ་ཙམ་ཡོད། ལྷག་པར་དུ་འགྲོ་མགོན་སངས་རྒྱས་དབོན་གྱི་མཛད་འཕྲིན་་ས་ཕྱོགས་ཀུན་ཏུ་ཁྱབ་ཡོད་པ་དང་གྲངས་ལས་འདས་པའི་བསྟན་འཛིན་གྱི་སྐྱེས་བུ་གསོ་སྐྱོང་གནང་ཡོད། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་ཀྱང་འགྲོ་མགོན་སངས་རྒྱས་དབོན་གྱིས་མཚན་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་རབ་ཏུ་གཡོས་ནས་བླ་མའི་ཞབས་ལ་གཏུགས་ཏེ་ཐེག་ཆེན་སེམས་སྐྱེད་ཀྱི་སྡོམ་པ་ཞུས་གནང་བ་སོགས་ཆོས་མང་པོ་གསན་མྱོང་ཡོད་པ་སྐྱོབ་པ་འདིག་རྟེན་མགོན་པོའི་རྣམ་ཐར་ལས་རྟོགས་ཐུབ། སློབ་དཔོན་སྟོན་པ་ནས་དབུ་དྲངས་ཏེ་སློབ་མ་རིམ་བརྒྱུད་དུ་བྱུར་ཡིན་ནོ། །

0 མཆན།:

Post a Comment