2013-12-28

དྲི་བ། སློབ་མའི་མཚན་ཉིད་ལྔ་དེ་གང་དག་ཡིན་ནམ།

ལན། དོན་གཉེར་གྱི་བརྩོན་འགྲུས་ཆེ་བ། ལེགས་ཉེས་འབྱེད་པའི་བློ་གྲོས་ལྡན་པ། དགེ་རྒན་ལ་གུས་ཞབས་ཆེ་བ། བསླབ་བྱའི་ཆོས་ལ་ཡིད་གཏོད་པ་དང་ལྔ་ཡིན།

དྲི་བ། འཕགས་ལམ་ཡན་ལག་བརྒྱད་དེ་གང་དག་ཡིན་ནམ།

ལན། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོགས་པ། ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་དང་བརྒྱད་ཡོད།

དྲི་བ། སྟོབས་དྲུག་ཡོད་པ་དེ་དག་གང་ཡིན་ནམ།

ལན། ཐོས་པའི་སྟོབས། བསམ་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། ཡོངས་སུ་འདྲེས་པའི་སྟོབས།

དྲི་བ། ཡིད་བྱེད་བཞི་དེ་གང་དག་ཡིན་ནམ།

ལན། བསྒྲིམས་ཏེ་འཇུག་པའི་ཡིད་བྱེད། ཆད་ཀྱི་འཇུག་པའི་ཡིད་བྱེད་ ཆད་མེད་དུ་འཇུག་པའི་ཡིད་བྱེད། རྩོལ་མེད་དུ་འཇུག་པའི་ཡིད་བྱེད།

དྲི་བ། ཉེས་པ་ལྔ་དེ་གང་དག་ཡིན་ནམ།

ལན། ལེ་ལོ་ཆེ་བ། གདམས་ངག་བརྗེད་པ། བྱིང་རྒོད་ཀྱི་དབང་དུ་ཤོར་བ། འདུ་མི་བྱེད་པ། འདུ་བྱེད་པའི་ཉེས་པ་དང་ལྔ་ཡོད།

དྲི་བ། འདུ་བྱེད་བརྒྱད་དེ་གང་དག་ཡིན་ནམ།

ལན། དད་པ། འདུན་པ། བརྩོན་འགྲུས། ཤིན་སྦྱངས། དྲན་པ། ཤེས་བཞིན། འདུ་བྱེད་སེམས་པ། རྣལ་དུ་འཇོག་པའི་ཏིང་ངེ་འཛིན་དང་བརྒྱད་ཡོད།

དྲི་བ། སེམས་གནས་དགུ་དེ་གང་དག་ཡིན་ནམ།

ལན། སེམས་འཇོག་པ། རྒྱུན་དུ་འཇོག་པ། གླན་ཏེ་འཇོག་པ། ཉེ་བ་འཇོག་པ། དུལ་བ་བྱེད་པ། ཞི་བ་བྱེད་པ། རྣམ་པ་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པ་འཇོག་པ་དང་དགུ་ཡོད།

དྲི་བ། རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་གང་དག་ཡིན་ནམ།

ལན། ཐོག་མའི་མ་རིག་པ། འདུ་བྱེད་ཀྱི་ལས། རྣམ་ཤེས། མིག་གཟུགས། སྐྱེ་བསྐྱེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒལ་ཤིའི་རྟེན་འབྲེལ་དང་བཅུ་གཉིས་ཡོད།

དྲི་བ། ལམ་ལ་ལྔ་དེ་གང་དག་ཡིན་ནམ།

ལན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་དང་ལྔ་ཡོད།

དྲི་བ། སྤྱན་ལྔ་དེ་གང་དག་ཡིན་ནམ།

ལན། ལྷའི་སྤྱན། ཤའི་སྤྱན། ཆོས་ཀྱི་སྤྱན། ཤེས་རབ་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན་དང་ལྔ་ཡོད།

དྲི་བ། མངོན་ཤེས་དྲུག་དེ་གང་དག་ཡིན་ནམ།

ལན། མིག་གི་མངོན་ཤེས། རྣའི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། རྫུ་འཕྲུལ་གྱི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས་དང་ལྔ་ཡོད།

དྲི་བ། སྙིང་མ་ལྔ་དེ་གང་དག་ཡིན་ནམ།

ལན། ལྟ་བ་སྙིང་མ། ཉོན་མོངས་སྙིང་མ། སེམས་སྙིང་མ། ཚེའི་སྙིང་མ། དུས་སྙིང་མ་དང་ལྔ་ཡོད།
28 Dec 2013

1 མཆན།:

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.