2013-12-25

སྤྱན་རས་གཟིགས་ཀྱི་བྱམས་དང་རྙིང་རྗེའི་མཐུས། །
རྒྱལ་བས་ལུང་བསྟན་སྤྲུལ་པའི་རྒྱལ་པོ་ཞིག །
གངས་ལྗོངས་བོད་ཀྱི་གནས་མཆོག་རྒྱ་མའི་ནང། །
མེ་མོ་གླང་ལོར་གནས་བཙན་སྲས་སུ་འཁྲུངས། །

མཚན་དཔེས་བརྒྱན་པའི་རྒྱལ་སྲས་སྤྲུལ་པའི་སྐུས། །
ཆོས་ལྡན་རྒྱལ་སྐྱོང་ཕན་བདེའི་ལམ་བཟང་སྟོན། །
སྙན་པའི་གྲགས་པ་བསྐལ་བརྒྱའི་བར་དུ་གནས། །
སྲོང་བཙན་སྒམ་པོའི་ཞབས་ལ་ཕྱག་འཚལ་ལོ། །

གཉོན་ནུའི་དུས་ནས་ཡི་དམ་དཔག་མེད་གཟིགས། །
ཐོས་བསམ་སྒོམ་པས་རྟོག་པའི་མྱུ་གུ་རྒྱས། །
ཐེག་མཆོག་ལམ་གྱི་རྒྱུད་སྦྱངས་དགྱེར་སྒོམ་ཞབས། །
དགྱེར་སྒོམ་གཞོན་ནུ་འོད་ལ་ཕྱག་འཚོལ་ལོ། །

གང་གི་གདུང་བརྒྱུད་འཛིན་པའི་སློབ་མའི་མཆོག །
རྨད་བྱུང་ཡོན་ཏན་མཛོད་འཛིན་སངས་རྒྱ་དབོན། །
སྙིགས་དུས་འགྲོ་བའི་རྩ་ལག་ཆེན་པོ་མཆོག །
འགྲོ་མགོན་སངས་རྒྱས་དབོན་ལ་ཕྱག་འཚལ་ལོ། །

སྐྱེས་མཆོག་གཉིས་ཀྱི་རྣམ་པར་ཐར་པ་དང་། །
དེ་ཡི་གདུང་བརྒྱུད་འཛིན་པའི་བླ་མ་ཞིག །
རྒྱ་མ་རིན་ཆེན་སྒང་ནས་ལེགས་བྱོན་པ། །
བློ་གྲོས་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །
25 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.