དྲི་བ། ཐེག་པ་ལ་གསུམ་དེ་གང་ཡིནན་མ།
ལན། ཉན་ཐོས་ཀྱི་ཐེག་པ། རང་རྒྱལ་གྱི་ཐེག་པ། ཐེག་ཆེན་གྱི་ཐེག་པ་དང་གསུམ་ཡོད།
དྲི་བ། བྱང་ཆུབ་ལ་གསུམ་དེ་གང་ཡིན་ནམ།
ལན། ཉན་ཐོས་ཀྱི་བྱང་ཆུབ། རང་རྒྱལ་གྱི་བྱང་ཆུབ། ཐེག་ཆེན་གྱི་བྱང་ཆུབ་དང་གསུམ་ཡོད།
དྲི་བ། སྡེ་སྣོད་གསུམ་དེ་གང་དག་ཡིན་ནམ།
ལན། འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད་དང་གསུམ་ཡོད།
དྲི་བ། བསླབ་པ་གསུམ་དེ་གང་དག་ཡིན་ནམ།
ལན། ཚུལ་ཁྲིམས་ཀྱི་བསླབ་པ། ཏེང་ངེས་འཛིན་གྱི་བསླ་པ། ཤེས་རབ་ཀྱི་བསླབ་པ་དང་གསུམ་ཡོད།
དྲི་བ། སྣོད་ཀྱི་སྐྱོན་གསུམ་དེ་གང་དག་ཡིན་ནམ།
ལན། སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན། སྣོད་དྲི་མ་ཅན་ལྟ་བུའི་སྐྱོན། སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་དང་གསུམ་ཡོད།
དྲི་བ། མཁས་བཙུན་བཟང་གསུམ་དེ་གང་དག་ཡིན་ནམ།
ལན། རིགས་གནས་ཀུན་ལ་མ་རྨོངས་པ། ཚུལ་ཁྲིམས་གཙང་བ། ལྷག་བསམ་རྣམ་པ་དག་པ་དང་གསུམ་ཡོད།
དྲི་བ། མཁྱེན་པ་གསུམ་དེ་གང་དག་ཡིན་ནམ།
ལན། གཞི་ཤེས། ལམ་ཤེས། རྣམ་མཁྱེན་དང་གསུམ་ཡོད།
དྲི་བ། དགེ་བའི་རྩ་བ་གསུམ་དེ་གང་དག་ཡིན་ནམ།
ལན། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ་དང་གསུམ་ཡོད།
དྲི་བ། སྒྲིབ་པ་གསུམ་དེ་གང་དག་ཡིན་ནམ།
ལན། ཉོན་སྒྲིབ། ཤཻས་སྒྲིབ། ལས་ཀྱི་སྒྲིབ་པ་དང་གསུམ་ཡོད།
དྲི་བ། འཇུག་སྒོ་གསུམ་དེ་གང་དག་ཡིན་ནམ།
ལན། སྟོན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ། ཐར་པ་ལ་འཇུག་པའི་སྒོ་ངེས་འབྱུང༌། ཐེག་ཆེན་ལ་འཇུག་པའི་སྒོ་སེམས་བསྐྱེད་དང་གསུམ་ཡོད།
དྲི་བ། ན་བའི་རྒྱུ་གསུམ་དེ་གང་དག་ཡིན་ནམ།
ལན། འདོད་ཆགས༌། ཞེ་སྡང། གཏི་མུག་དང་གསུམ་ཡོད།
དྲི་བ། བརྗེ་བ་གསུམ་དེ་གང་དག་ཡིན་ནམ།
ལན། བསམ་པ་བརྗེ་བ། རྟགས་དང་ཆ་ལུགས་བརྗེ་བ། མིང་བརྗེ་བ་དང་གསུམ་ཡིན།
དྲི་བ། གནས་གསུམ་དེ་གང་དག་ཡིན་ནམ།
ལན། སྤྱི་བོ། འགྲིན་པ། སྙིང་ཁ་དང་གསུམ་ཡིན།
དྲི་བ། དབང་བསྐུར་ཆོ་ག་གསུམ་དེ་གང་དག་ཡིན་ནམ།
ལན། སའི་ཆོ་ག། སྟ་འོན་གྱི་ཆོ་ག། དངོས་གཞིའི་ཆོ་ག་དང་གསུམ་ཡིན།
དྲི་བ། ལམ་གྱི་རྩ་བ་གསུམ་དེ་གང་དག་ཡིནན་མ།
ལན། ངེས་འབྱུངགི་བསམ་པ། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་དང་གསུམ་ཡིན།
དྲི་བ། ས་གསུམ་ཡོད་པ་དེ་གང་དག་ཡིན་ནམ།
ལན། ས་འོག ས་སྟེང༌། ས་བླ་དང་གསུམ་ཡིན།
དྲི་བ། སངས་རྒྱས་ཀྱི་བཀའ་ལ་གསུམ་དེ་གང་དག་ཡིན་ནམ།
ལན། ཞལ་ནས་གསུང་པའི་བཀའ། རྗེས་སུ་གནང་བའི་བཀའ། བྱིན་གྱི་བརླབས་པའི་བཀའ་དང་གསུམ་ཡིན།
དྲི་བ། སྐུ་གསུམ་ཡོད་པ་དེ་དག་གང་ཡིན་ནམ།
ལན། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ་དང་གསུམ་ཡིན།
དྲི་བ། སེམས་ཅན་འཆི་ཕོ་བའི་རྒྱུ་གསུམ་དེ་གང་དག་ཡིན་ནམ།
ལན། ཚེ་ཟད་པ། བསོད་ནམས་ཟད་པ། ལས་ཟད་པ་དང་གསུམ་ཡིན།
དྲི་བ། སྐྱེས་བུ་གསུམ་དེ་གང་དག་ཡིན་ནམ།
ལན། སྐྱེས་བུ་ཆེན་པོ། སྐྱེས་བུ་འབྲིང༌། སྐྱེས་བུ་ཆེན་པོ་དང་གསུམ་ཡིན།
དྲི་བ། དགེ་སློང་གསུམ་དེ་གང་དག་ཡིན་ནམ།
ལན། རྟགས་ཙམ་འཛིན་པའི་དགེ་སློང༌། མིང་ཙམ་འཛིན་པའི་དགེ་སློང། ཡང་དག་པའི་དགེ་སློང་དང་གསུམ་ཡིན།
དྲི་བ། ཡུལ་རྒྱས་འབྲིང་བསྡུས་གསུམ་དེ་གང་དག་ཡིན་ནམ།
ལན། རྒྱས་པ་ཤེས་ཕྱིན་འབུམ་པ། འབྲིང་བ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་དང་གསུམ་ཡིན།
དྲི་བ། བརྒྱུད་པ་ལ་གསུམ་དེ་གང་དག་ཡིན་ནམ།
ལན། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙིང་ཁུང་གི་བརྒྱུད་པ་དང་གསུམ་ཡིན།
དྲི་བ། ཆེན་པོ་རྣམ་གསུམ་དེ་གང་དག་ཡིན་ནམ།
ལན། རྫོགས་པ་ཆེན་པོ། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ་དང་གསུམ་ཡིན།
དྲི་བ། ཆོས་སྐུའི་ཡེ་ཤེས་གསུམ་དེ་གང་དག་ཡིན་ནམ།
ལན། ངོ་བོ་ཀ་དག་ཡེ་ཤེས། རང་བཞིན་ལྷུན་གྲུབ་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་དང་གསུམ་ཡིན།
དྲི་བ། ཆོས་གོས་རྣམ་གསུམ་དེ་གང་དག་ཡིན་ནམ།
ལན། བླ་གོས། མཐང་གོས། སྣམ་སྦྱར་དང་གསུམ་ཡིན།
དྲི་བ། ཐ་སྣད་གསུམ་ལྡན་ཞེས་པའི་ཐ་སྙད་གསུམ་དེ་གང་དག་ཡིན་ནམ།
ལན། མི་ཡིན་པ། ཤེས་པ་རང་བཞིན་དུ་གནས་པ། འདོད་ཁམས་པའི་ས་པ་ཡིན་པ་དང་གསུམ་ཡིན།
དྲི་བ། ཕྱིའི་དཀར་གསུམ་དེ་གང་དག་ཡིན་ནམ།
ལན། ཞོ་དང༌། འོ་མ་དང༌། མར་དང་གསུམ་ཡིན།
དྲི་བ། མངར་གསུམ་དེ་གང་དག་ཡིན་ནམ།
ལན། ཀ་ར་དང༌། བུ་རམ་དང༌། སྦྲང་རྩི་དང་གསུམ་ཡིན།
དྲི་བ། བར་ཆད་གསུམ་དེ་གང་དག་ཡིན་ནམ།
ལན། ཕྱི་རོལ་བདུད་ཀྱི་བར་ཆད། འབྱུང་བ་ལུས་ཀྱི་བར་ཆད། གསང་བ་ཏིང་ངེ་འཛིན་གྱི་བར་ཆད་དང་གསུམ་ཡིན།
དྲི་བ། བཀའ་དྲིན་གསུམ་དེ་གང་དག་ཡིན་ནམ།
ལན། དབང་བསྐུར་བ། རྒྱུད་བཤད་པ། མན་ངག་གནང་བའི་བཀའ་དྲིན་དང་གསུམ་ཡིན།
དྲི་བ། རྣམ་པར་ཐར་བའི་སྒོ་གསུམ་དེ་གང་དག་ཡིན་ནམ།
ལན། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད། རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ། རྣམ་པར་ཐར་བའི་སྒོ་སྨོན་པ་མེད་
པ་དང་གསུམ་ཡིན།
དྲི་བ། མཚན་ཉིད་གསུམ་དེ་གང་དག་ཡིན་ནམ།
ལན། ཀུན་བཏགས་པའི་མཚན་ཉིད། གཞན་གྱི་དབང་གི་མཚན་ཉིད། ཡོངས་སུ་གྲུབ་པའི་མཚན་ཉིད་དང་གསུམ་ཡིན།
དྲི་བ། ཚོར་བ་ལ་གསུམ་དེ་གང་དག་ཡིན་ནམ།
ལན། ཚོར་བ་བདེ་བ། ཚོར་བ་སྡུག་བསྔལ། ཚོར་བ་བཏང་སྙོམས་དང་གསུམ་ཡིན།

0 མཆན།:
Post a Comment
Click to see the code!
To insert emoticon you must added at least one space before the code.