2013-12-25

བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་ནི་ཡབ་སྟག་རི་གཉན་གཟིགས་དང་ཡུམ་སྟོང་བཙུན་འབྲོ་དཀར་གཉིསཀྱི་སྲས་སུ་བོད་ས་སྟག་སྤྱི་ལོ ༥༥༨ ལོར་འཁྲུངས་ཤིང་། དབས་སྣང་བཞེར་དང་། ཚེ་སྤོང་ན་གནག་སེར། ཉང་རྩེང་གུ་རྣམས་ཀྱིས་བློན་པོ་བྱས་པ་དང་། གཙོའི་བོན་པོ་ཁྲི་ཁྱུང་གྲགས་པས་སྐུ་བོན་བྱས། ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཁབ་ཏུ་བཞེས། གཅུང་པོ་འོལ་གོད་ཚ་གློན་གེར་ལེགས་བྱ་བ་ཐང་མཚམས་སུ་ཕབ། རྒྱལ་པོ་འདིའི་རིང་རྒྱ་ནག་གི་ཡུལ་ནས་རྩིས་དང་སྨན་དཔྱད་བླངས། མཐའ་ཡི་གྲུ་གུ་སོགས་འོག་ཏུ་བཏུལ། གཞན་ཡང་དེ་སྐབས་རྒྱལ་པོ་སྐུ་ངོ་མས་དམག་ཁྲི་ཕྲག་ཁྲིད་ནས་གཡུལ་གཤམས་ཏེ་མཁར་ཡུ་སྣ་ནི་གཏོར། དགུ་གྲི་ཟིང་པོ་རྗེ་ནི་བརླགས། མང་པོ་རྗེ་གསུམ་པ་ནི་གྲུ་གུའི་ཡུལ་དུ་བྲོས། ཕག་གི་ཡུང་བ་སྣ་མན་ཆད། ཀོང་པོ་བྲེ་སྣ་ཡན་ཆད་བཙན་པོའི་པྱག་ཏུ་ལོན་ཞིང་། དེ་སྐབས་མྱང་ཙེ་སྐུ་དང་། དབས་དབྱི་་ཚབ། མནོན་འདྲོན་པོ། ཚེ་སྤོང་གནག་སེང་བཅས་ཀྱིས་སྤུ་རྒྱལ་ལ་བློ་དཀར་བྱས་པས་བྲན་གཡོག་ཁྱིམ་དུད་མང་པོ་དང་ཡུལ་ཆེན་པོ་གནང་བ་མ་ཟད། རྒྱལ་པོའི་བློན་པོར་བཅུག་པ་དང་། ཁྱུང་པོ་སྤུང་སད་ཀྱི་གཙང་བོད་ཀྱི་རྗེ་བོ་མར་མུན་ཞེས་པའི་མགོ་བཅད་དེ་གཙང་བོད་ཀྱི་འབངས་མི་ཁྱིམ་དུད་ཁྲི་ཕྲག་གཉིས་སྤུ་རྒྱལ་བཙན་པོའི་མངའ་འབངས་སུ་ཕུལ་བ་དང་། སེང་གོ་མི་ཆེན་གྱིས་དྭགས་པོ་ཡོངས་རྫོགས་སླར་ཡང་བཙན་པོའི་མངའ་འབངས་སུ་བཀུག་པ་སོགས་དབུས་གཙང་ཕལ་ཆེ་བ་སྤུ་རྒྱལ་གྱི་མངའ་ཞབས་སུ་བཙུད། སྐབས་དེར་རྒྱལ་པོའི་བཞིགས་གནས་ཀྱང་ཡར་ལུང་གཙང་པོའི་བྱང་ཕྱོགས་སྣོན་རྒྱ་མའི་ནང་དུ་སྤོས་ཏེ་ཕོ་བྲང་བྱམས་པ་མི་འགྱུར་གླིང་བཞེངས་པ་དང། ཡུལ་དེར་ཆབ་སྲིད་ཀྱི་མཛད་པ་བསྐྱངས་ནས་ལོ་མང་པོ་བཞུགས་པར་གྲགས།
25 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.