2013-12-25

ཅོག་ལྷའི་གསུམ་མདོ་ནས་གཡས་ཕྱོགས་སུ་ཅུང་ཟད་འཛེགས་ནས་ཅོག་ལྷའི་སྒྲུབ་ཁང་དུ་སླེབས། སྒྲུབ་ཁང་འདི་ནི་རྫོགས་ཆེན་བསྟན་པའི་སྲོག་ཤིང་རྒྱལ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡོན། ཀུན་མཁྱེན་པ་ཆེན་པོ་གནས་འདིར་སྒྲུབ་པ་སྐྱོན་སྐབས་རྡོ་རྗེ་གཡུ་སྒྲོན་དང་། དམ་ཅན་རྡེ་རྗེ་ལེགས་པ། གཟའ་ཁྱབ་འཇུག་བཅས་ཐུགས་དམ་འཕེལ་བའི་གྲོགས་སུ་འབྲལ་མེད་དུ་སྲུང་བར་དམ་བཅའ་བའི་རྟགས་སུ་སྒྲུབ་ཁང་གོང་འོག་གཉིསཀྱི་བར་དུ་དམ་ཅན་བླ་རྡེ་ཞེས་རྡེ་ཕ་བོང་དམར་པོ་ངོ་མཚར་ཅན་ཞིག་དང་། ཉེ་འགྲམ་དུ་ལྷ་མོ་གཡུ་སྒྲོན་མའི་རང་བྱོན་བྱིན་ཅན་ཞིག གཟའ་ཁྱབ་འཇུག་གི་རྟགས་སུ་སྒྲུབ་ཁང་འདིའི་གཡས་གཡན་དུ་མེ་འབར་བ་རྟག་ཏུ་མཐོང་རྒྱུ་ཡོད། ཀུན་མཁྱེན་ཀློང་ཅེན་རབ་འབྱམས་པ་རྒྱ་མའི་ནང་རིག་འཛིན་ཀུ་མ་ར་ཛ་མཇལ་བར་ཕེབས་པ་དང་དེ་རྗེས་གནས་འདིར་སྒྲུབ་པ་བསྐྱོན་ནས་བཞུགས་ཤུལ་ཡོད།
25 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.