2013-12-25


བསྟན་པ་ཕྱི་དར་གྱི་དུས་སུ་མཉམ་མེད་ཇོ་བོ་རྗེ་ལྷ་གཅིག་དྭི་བམ་ཀ་ར་བྱོན་ནས་བཀའ་གདམས་པའི་བརྒྱུད་པ་སྐྱེས་བུ་རབ་རིམ་པར་བྱོན་པའི་ཁྲིད་ན་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོས་ཐེག་མཆོག་ལམ་གྱི་བརྒྱུད་སྦྱངས་དགྱེར་སྒོམ་ཞབས་ཞེས་དང་རྨད་བྱུང་ཡོན་ཏན་མཛོད་འཛིན་སངས་རྒྱས་དབོན་ཞེས་པ་སྐྱེས་མཆོག་རྣམ་གཉིས་ཀྱིས་ཐོག་དྲངས་པའི་བརྒྱུད་འདིན་པ་ཇི་ལྟར་བྱུར་ཚུལ་སོགས་འཆད་པ་ལས། དང་པོ་དགྱེར་སྒོམ་གཞོན་ནུ་གྲགས་པ་ནི་བོད་རབ་བྱུང་གཉིས་པའི་ས་ཕོ་རྟ་སྤྱི་ལོ་ ༡༠༩༠ ལོར་དགྱེར་ལྷ་སྣང་གི་རིགས་ཡབ་དགྱེར་ཤེས་རབ་སྐྱབས་དང་ཡུམ་གཡང་མོ་ཀླུ་ཙམ་གཉིས་ཀྱི་སྲས་སུ་སྐུ་བལྟམས་། ཁོང་གཉིས་ལ་ཁྱེའུ་ལ་སྟག་དང་། བུ་མོ་ཁ་སྟག ཁྱེའུ་ལ་དར་བཅས་གསུམ་ཡོད་པས་ཆེ་བ་ལ་སྟག་ནི་དགྱེར་སྒོམ་གཞོན་ནུ་གྲགས་པ་ཡིན་ཞིང་། ཁོང་སྐུ་འཁྲུངས་ཡུལ་ནི་རྒྱ་མ་སྣོན་མདའ་རོག་སྣེ་ཞེས་བྱ་བར་ཡིན། དགྱེར་སྒོམ་ཆེན་པོ་དགུ་ལོ་བཅུ་གཉིས་ལོན་ཇཔ་ན་མཁན་པོ་དྷྭརྨ་རདྣ་ཞེས་བྱ་བ་ལས་རབ་ཏུ་བྱུང་། མཚན་གཞོན་ནུ་གྲགས་སུ་གསོ། དགུང་ལོ་བཅུ་བཞི་ལ་བྱ་ཡུལ་བ་ཆེན་པོ་དེར་བྱོན་པ་ནས་ཆོས་གསན། དགུང་ལོ་བཅོ་བརྒྱད་ལ་རྩི་སྒོམ་གྱི་སྣེ་ཟུར་དུ་བྱོན། སྣེ་ཟུར་པ་ཐུགས་དགྱེས་ནས་རྗེས་སུ་བཟུང་བ། ཏིང་ངེ་འཛིན་བཟང་པོ་ཐུགས་ལ་འཁྲུངས། མི་གཡོ་བ་གཞལ་གཟིགས། རྟོགས་པ་ཕུལ་བས་མནེས་ནས་ལུང་བསྟན་མཛད། ཁྱེད་ལ་ལོ་དྲུག་ཅུ་ཙམ་ན་གསར་སྙིམ་བུ་གང་ཙམ་ཡོང་བར་སྣང་བས་དེའི་དུས་སུ་འབུམ་པ་གཅིག་རྩིག་ཤིག་གསུངས་པས་ཕྱིས་རྒྱ་མ་རིན་ཆེན་སྒང་གི་འབུམ་པ་ཆེན་པོ་དེ་དང་། སྒྲུབ་གསར་དང་སྒྲུབ་རྙིང་ཞེས་དགོན་པ་ཁག་གཉིས་བཅས་བཞེངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་དུ་མ་གསོ་སྐྱོང་གནང་ནས་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱིས་བཀའ་གདམས་གསར་མའི་ཆོས་རྒྱུན་འཛིན་སྐྱོང་སྤེལ་གསུམ་གནང་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེར་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད།
25 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.