2013-12-25


དགོན་པ་བརྒྱད་ནི་རྒྱ་མ་རིན་ཆེན་སྒང་དུ་དགྱེར་སྒོམ་གཞོན་ནུ་འོད་ཀྱི་སྤྱི་ལོ ༡༡༠༠ ཡས་མས་སུ་ཕྱག་བཏབ་བའི་ (༡)སྒྲུབ་གསར་དང་
(༢)སྒྲུབ་རྙིང་ཞེས་དགོན་པ་ཁག་གཉིས་དང་མཆོད་རྟེན་འགའ་ཤས་ཡོད། དགོན་པ་དེར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དགྱེར་སྒོམ་གཞོན་ནུ་འོད་དང་། འགྲོ་མགོན་སངས་རྒྱས་དབོན། སྤྱན་སྔ་བློ་གྲོས་རྒྱལ་མཚན་སོགས་གདན་ས་བ་སྐྱེས་ཆེན་དུ་མ་བྱོན་པ་དང་། སྐབས་དེར་དགེ་འདུན་ཞལ་གྲངས་བརྒྱད་བརྒྱ་ཙམ་ཡོད་ཅིང་མཁས་སྒྲུབ་དགེ་ལེགས་དཔལ་བཟང་སོགས་སཀྱེས་ཆེན་དུ་མས་ཆོས་ཀྱི་འཁོར་ལོ་བསྐོར་ཡུལ་གྱི་གནས་བྱིན་ཅན་ཞིག་ཡིན། ད་ལྟ་སྲུང་མ་ཁང་དང་མཆོད་རྟེན་འགའ་ཤས། དེ་མིན་གནའ་བོའི་ཤུག་སྡོང་ལོ་བརྒྱད་བརྒྱ་ལྷག་ཕྱིན་པ་གསུམ་བཞི་ཙམ་ཡོད། སྲུང་མ་ཁང་དུ་སྲུང་མ་ཟངས་ལྷམ་མའི་སྐུ་བརྙན་བྱིན་ཅན་ཞིག་དང་། དེ་མིན་ཞལ་ཐང་། རྟ་མགྲིན་གྱི་ཕུར་པ་སོགས་ནས་རྟེན་བྱིན་ཅན་འགའ་བཞུགས། སྲུང་མ་འདི་ནི་ཇོ་རྗེ་བོད་དུ་ཕེབས་ཁར་བཀའ་དགམས་པའི་བསྟན་པ་སྲུང་བར་དམ་བཅས་ཏེ་བོད་དུ་ཕེབས་རྩིས་གནང་སྐབས་ཇོ་བོ་རྗེས་ཁྱེད་བོད་དུ་ཕེབས་ན་བོད་ཀྱི་སྐྱེ་འགྲོ་ལ་བརྡབ་གསིག་བྱེད་འགྲོ་གསུངས་པས་སྲུང་མས་རང་ཉིད་ལ་རྫུ་འཕྲུལ་གྱི་ཟངས་ཀྱི་ལྷམ་ཞིག་གྱོན་པར་བྱས་ཏེ་སྐྱེ་འགྲོ་ལ་གནོད་པ་མེད་པ་བྱས་སྟབས་ཇོ་བོ་རྗེས་ཞལ་བཞེས་གནང་བ་ཐོས་ཏེ་བོད་དུ་མཉམ་དུ་ཕེབས་ཤིང་གནས་ཆེན་རིན་ཆེན་སྒང་དུ་ད་ལྟ་ཡང་སངས་རྒྱས་ཀྱི་བསྟན་པ་སྲུང་བར་འཕྲིན་ལས་གཡེལ་བ་མེད་པ་བཞུགས་སོ། རྒྱ་མ་ཁྲི་ཁང་གི་ལྕགས་རིའི་ནང་འགྲོ་མགོན་སངས་རྒྱས་དབོན་་གྱིས་ཕྱག་བཏབ་པའི་དགོན་པ་
(༣)ཆོས་ཁང་གོང་དང་
(༤)ཆོས་ཁང་འོག་ཅེས་པའི་དགོན་པ་ཁག་གཉིས་ཡོད། ཕོ་བྲང་བྱམས་པ་མི་འགྱུར་གླིང་དང་ཉེ་བའི་རི་སྟེང་དུ་དགེ་བའི་བཤེས་གཉེན་བྱང་སེམས་ཟླ་བ་རྒྱལ་མཙན་གྱིས་ཕྱག་བཏབ་པའི་
(༥)དུམ་པོ་རིའི་དགོན་པ་ཞིག་དང་། དེར་སྔོན་དགེ་འདུན་ཞལ་གྲངས་དྲུག་ཅུ་སྐོར་ཡོད།  གྲྭ་རྒྱུན་ཉག་རོང་དང་། བློ་གསལ་གླིང་། སེ་ར་བྱེས་བཅས་པས་འགྲོ། དགོན་པ་དེ་ནི་༸གོང་ས་ལྔ་པའི་སྐུ་དུས་སུའང་མ་འཏོར་བར་བསྡད་ཡོད་པའི་བཻ་སེར་ནང་དུ་གསལ་ཡོད། རི་སྟེང་དུ་མཆོད་རྟེན་དང་གནའ་ཤུལ་མང་པོ་མཇལ་རྒྱུ་ཡོད། རྒྱ་མའི་ནུབ་ངོས་སུ་
(༦)གཡུ་སྒྲོན་དགོན་ཞེས་པའི་གནའ་ཤུལ་དང་། གཡའ་མ་རི་བོའི་ཤར་ངོས་ཀྱི་རི་ལྡེབས་སུ་
(༧)དཔའ་ལི་སྒང་ཞེས་པར་དགོན་ཤུལ་ཞིག་ཡོད། རྒྱ་མའི་ཕུ་ཐུགས་ལྕགས་ཞེས་པའི་ཁྱམ་ཚང་གི་ཐད་དུ་
(༨)ཨ་ནེའི་དགོན་པའི་གནའ་ཤུལ་ཡོད་པ་བཅས་ནི་སྔར་གྱི་དགོན་པ་བརྒྱད་པོ་དེ་ཡིན།

རྗེ་ཙོང་ཁ་པའི་སྐུ་དུས་ཙམ་་ནས་དགོན་པ་དེ་དག་མ་འཐོར་བར་བསྡད་ཡོད་སྤྱན་སྔ་བློ་གྲོས་རྒྱལ་མཙན་གྱི་གསུང་ལས་གསལ་པོར་རྟོགས་ཤིང་། ༸གོས་ས་ལྔ་པའི་སྐུ་དུས་ཙམ་ནའང་དགོན་པར་མིང་བཏགས་ཆོག་བསྡད་ཡོད་བཻ་སེར་ལས་ཀྱང་རྟོགས་ཐུབ།
25 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.