2013-12-27


དྲི་བ། ནང་པའི་སྟོན་པ་སུ་ཡིན་ནམ།

ལན། སྟོན་པའི་བདག་པོ་སྟོན་པ་ཤཀྱ་ཐུབ་པ་མཆོག་ཡིན།

དྲི་བ། སྟོན་པའི་བཏད་རབས་བདུན་དེ་གང་དག་ཡིན་ནམ།

ལན། འཕགས་པ་འོད་སྲུངས། འཕགས་པ་ཀུན་དགའ་བོ། འཕགས་པ་ཤ་ནའི་གོས་ཅན། འཕགས་པ་ཉེར་སྦས། འཕགས་པ་དྷཱི་ཏི་ཀ། འཕགས་པ་ནག་པོ། འཕགས་པ་ལེགས་མཐོང་དང་བདུན་ཡིན།

དྲི་བ། ཆོས་འཁོར་དུས་ཆེན་བོད་ཀྱི་ཟླ་ཚེས་གང་གི་ནང་ཡིན་ནམ།

ལན། བོད་ཟླ་ ༦ ཚེས་ ༤ ལ་ཆོས་འཁོར་དུས་ཆེན་ཡིན།

དྲི་བ། ས་གར་ཟླ་བ་བོད་ཟླ་གང་གི་ནང་ཡིན་ནམ།

ལན། བོད་ཟླ་ ༤ པར་ས་ག་ཟླ་བ་ཡིན།

དྲི་བ། བཅོ་ལྔ་མཆོད་པ་བོད་ཟླ་གང་གི་ནང་ཡིན་ནམ།

ལན། བོད་ཟླ་ ༡ པོའི་ཚེས་ ༡༥ ལ་བཅོ་ལྔ་མཆོད་པ་ཡིན།

དྲི་བ། ལྷ་བབ་དུས་ཆེན་བོད་ཟླ་གང་གི་ནང་ཡིན་ནམ།

ལན། བོད་ཟླ་ ༩ པའི་ ༩  ཚེས་ ༢༢ ལ་ལྷ་བབ་དུས་ཆེན་ཡིན།

དྲི་བ། སངས་རྒྱས་ཤཀྱ་ཐུབ་པའི་ཡབ་ཡུམ་གཉིས་ཀྱི་མཚན་གང་ཡིན་ནམ།

ལན། ཡབ་ལ་ཟས་གཙང་མ་དང༌། ཡུམ་ལ་སྒྱུ་མ་ལྷ་མཛེས་ཞེས་ཞུ་བ་རེད།

དྲི་བ། སངས་རྒྱས་ཀྱི་གཟིགས་པ་ལྔ་དེ་གང་དག་ཡིན་ནམ།

ལན། དུས་ལ་གཟིགས་པ། ཡུལ་ལ་གཟིགས་པ། རིགས་ལ་གཟིགས་པ། རུས་ལ་གཟིགས་པ། ཡུམ་ལ་གཟིགས་པ་དང་ལྔ་ཡིན།

དྲི་བ། རྒྱལ་སྲས་དོན་འགྲུབ་ལ་ཡིག་རིགས་སློབ་མཁན་གྱི་སློབ་དཔོན་སུ་ཡིན་ནམ།

ལན། སློབ་དཔོན་ཀུན་གྱི་བཤེས་གཉེན་མཆོག་ཡིན།

དྲི་བ། བཞོན་ནུ་དོན་འགྲུབ་ཀྱི་རྩིས་ཀྱི་སློབ་དཔོན་སུ་ཡིན་ནམ།

ལན། རྩིས་པ་སྲིད་སྒྲུབ་མཆོག་ཡིན།

དྲི་བ། བཞོན་ནུ་དོན་གྲུབ་ཀྱི་བཙུན་མོ་སུ་ཁབ་ཏུ་བཞེས་པ་ཡིན་ནམ།

ལན། བཙུན་མོ་ས་འཚོ་མ་ཁབ་ཏུ་བཞེས་པ་རེད།

དྲི་བ། གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་རྗེས་སློབ་དཔོན་གང་དང་གང་དག་བསྟེན་ནམ།

ལན། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང༌། རིངས་བྱེད་ཀྱི་བུ་ལྷག་སྤྱོད་གཉིས་སློབ་དཔོན་དུ་བསྟེན་པ་རེད།

དྲི་བ། སངས་རྒྱས་ཀྱི་ཆོས་འཁོར་རིམ་པ་གསུམ་དེ་གང་ཡིནན་མ།

ལན། སྐབས་དང་པོ་བདེན་བཞིའི་ཆོས་འཁོར། སྐབས་གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར།

སྐབས་མཐའ་མ་ལེགས་པར་རྣམ་པ་ཕྱེ་བའི་ཆོས་འཁོར་དང་གསུམ་ཡིན།

དྲི་བ། སངས་རྒྱས་ཀྱི་ཆོས་འཁོར་རིམ་གསུམ་དེ་གནས་གང་དུ་གསུངས་པ་ཡིན་ནམ།

ལན། ཆོས་འཁོར་དང་པོ་ཡུལ་ཝ་ར་ན་སི། གཉིས་པ་བྱ་རྒོད་ཕུང་པོའི་རི། གསུམ་པ་ཡངས་པ་ཅན་དང་གསུམ་དུ་གསུང་པ་ཡིན།

དྲི་བ། ཤེས་རབ་སྙིང་པོ་རྒྱ་གར་གྱི་གནས་གང་དུ་གསུངས་པ་ཡིན་ནམ།

ལན། བྱ་རྒོད་ཕུང་པོའི་རི་ལ་གསུངས་པ་ཡིན།

དྲི་བ། སངས་རྒྱས་ཀྱི་དཔལ་དུས་ཀྱི་འཁོར་ལོ་རྒྱ་གར་གྱི་གནས་གང་དུ་གསུང་པ་ཡིན་ནམ།

ལན། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་གསུངས་པ་རེད།

དྲི་བ། སངས་རྒྱས་ཤཀྱ་ཐུབ་པ་གནས་གང་དུ་སངས་རྒྱས་པ་ཡིན་ནམ།

ལན། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ་ཡིན།

དྲི་བ། སངས་རྒྱས་ཤཀྱ་ཐུབ་པ་གནས་གང་དུ་སྐུ་མྱ་ངན་ལས་འདས་སམ།

ལན། རྩ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པ་ཡིན།

དྲི་བ། སྟོན་པའི་ཉན་ཐོས་ཀྱི་མཆོག་ཏུ་གྱུར་པ་གཉིས་དེ་གང་དག་ཡིན་ནམ།

ལན། ཉན་ཐོས་འོད་སྲུངས་ཆེན་པོ་དང༌། ཤ་རིའི་བུ་གཉིས་ཡིན།

དྲི་བ། མཆོག་ཟུང་གཉིས་དེ་གང་དག་ཡིན་ནམ།

ལན། ཤེས་རབ་ཀྱི་མཆོག་ཏུ་གྱུར་པ་ཤ་རིའི་བུ་དང༌། རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་པ་མོའུ་གལ་གྱི་བུ་གཉིས་ཡིན།

དྲི་བ། དཔལ་ནཱ་ལབྱྜའི་པཎ་ཆེན་བཅུ་བདུན་དེ་དག་གང་ཡིན་ནམ།

ལན། དཔལ་མགོནའཕགས་པ་ཀླུ་སྒྲུབ། སློབ་དཔོན་འཕགས་པ་ལྷ། སློབ་དཔོན་སངས་རྒྱས་བསྐྱོངས། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་ཟླ་བ་གྲགས་པ། རྒྱས་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་མཚོ། པད་མའི་ངང་ཚུལ། འཕགས་པ་ཐོག་མེད། སློབ་དཔིོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། སློབ་དཔོན་ཆོས་གྲགས། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཤཀྱ་འོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་བཅུ་བདུན་ཡོད།

དྲི་བ། བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་དེ་གང་དག་ཡིན་ནམ།

ལན། རྙིང་མ་པ།  ས་སྐྱ་པ། བཀའ་རྒྱུད་པ། དགེ་ལུགས་པ་དང་བཞིན་ཡིན།

དྲི་བ། རྙིང་མ་པའི་ཆོས་རྒྱུད་སྲོལ་འབྱེད་པ་པོ་སུ་ཡིན་ནམ།

ལན། སློབ་དཔོན་པདྨ་འབྱུང་གནས་མཆོག་ཡིན།

དྲི་བ། ས་སྐྱ་པའི་ཆོས་བརྒྱུད་སྲོལ་འབྱེད་པོ་སུ་ཡིན་ནམ།

ལན། འཁོན་དཀོན་མཆོག་རྒྱལ་པོ་མཆོག་ཡིན།

དྲི་བ། བཀའ་རྒྱུད་པའི་ཆོས་རྒྱུད་སྲོལ་འབྱེད་པོ་སུ་ཡིན་ནམ།

དྲི་བ། མར་པ་ཆོས་ཀྱི་བློ་གྲོས་མཆོག་ཡིན།

དྲི་བ། དགེ་ལུགས་པའི་ཆོས་རྒྱུད་སྲོལ་འབྱེད་པ་པོ་སུ་ཡིན་ནམ།

ལན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ཡིན།

དྲི་བ། དགའ་ལྡན་དགོན་པ་ཕྱག་བཏབ་མཁན་སུ་ཡིན་ནམ།

ལན། རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ཡིན།

དྲི་བ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཕྱག་བཏབ་མཁན་སུ་ཡིན་ནམ།

ལན། རྗེ་བཙུན་ཤེས་རབ་སེངྒེ་མཆོག་ཡིན།

དྲི་བ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཕྱག་བཏབ་མཁན་སུ་ཡིན་ནམ།

ལན། རྒྱུད་ཆེན་ཀུན་དགའ་དོན་འགྲུབ་མཆོག་ཡིན།

དྲི་བ། འབྲས་སྤུངས་དགོན་པ་ཕྱག་བཏབ་མཁན་སུ་ཡིན་ནམ།

ལན། རྗེ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་པ་མཆོག་ཡིན།

དྲི་བ། སེར་ར་དགོན་པ་ཕྱག་བཏབ་མཁན་སུ་ཡིན་ནམ།

ལན། བྱམས་ཆེན་ཆོས་རྗེ་ཤཀྱ་ཡེ་ཤེས་མཆོག་ཡིན།

དྲི་བ། བཀྲིས་ལྷུན་པོ་ཕྱག་བཏབ་མཁན་སུ་ཡིན་ནམ།

ལན། རྒྱལ་བ་དགོན་འདུན་གྲུབ་པ་མཆོག་ཡིན།

དྲི་བ། བཀའ་གཏེར་ཤིང་རྟ་ལྔ་དེ་གང་ཡིན་ནམ

ལན། སློབ་དཔོན་པདྨ་འབྱུང་གནས། མཁན་ཆེན་ཞི་བ་འཚོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གནུབས་ཆེན་སངས་རྒྱས། ཉང་སྟོན་ཉི་མ་འོད་བཅས་ལྔཡིན།

དྲི་བ། ས་རསྐྱ་གོང་མ་རྣམ་ལྔ་གང་དག་ཡིན་ནམ།

ལན། བླ་ཆེན་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བཅས་ལྔ་ཡིན།

དྲི་བ། བཀའ་གདམས་ཤིང་རྟ་ལྔ་དེ་གང་དག་ཡིན་ནམ།

ལན། མར་པ་ཆོས་ཀྱི་བློ་གྲོས། རྗེ་བཙུན་མི་ལ་རས་པ། མཉམ་མེད་སྒམ་པོ་པ། ཀརྨ་པ་དུས་གསུམ་མཁྱེན་པ། འགྲོ་མགོན་ཕག་མོ་གྲུ་པ་བཅས་ལྔ་ཡིན།

དྲི་བ། རྒྱལ་བ་ཡབ་སྲས་རྣམ་ལྔ་དེ་གང་དག་ཡིན་མ།

ལན། རྗེ་བཙུན་ཙོང་ཁ་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། རྒྱལ་བ་དགེ་འདུན་གྲུབ་པ་བཅས་ལྔ་ཡིན།
27 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.