2013-12-25


རྩོམ་པ་པོ། ས་དམར་གྲགས་པ།

དེ་རིང་གི་ནམ་མཁའ་ནམ་མཁའ་ཁོ་ནར་དབང་ལ།
དེ་རིང་གི་ས་གཞི་ཡང་ས་གཞི་ཁོ་ནར་དབང་།
ང་ཡང་ང་ཁོ་ནར་དབང་བྱུང།

ཁེར་རྐྱང་དུ་ལུས་པའི་རྡོ་བའི་རྨི་ལམ་ཁྲོད་ན།
བཙན་པོའི་འབོད་སྒྲ་ལས་བཞུར་པའི་ཆུ་མིག་ཅིག་བཞུར་གྱིན་འདུག
ངའི་བཙན་པོས་གནས་ས་བསྒུལ་དུས།

དྭངས་བསིལ་བསིལ་གྱིས་བཞུར་གྱིན་ཡོད་དམ།
ཆུ་གྲང་མོ་དེའི་ནང་ནས་བཙན་པོ་ཕྱི་མིག་མཐོང་ཐུབ།

མཁར་ཤུལ་འདིར།
ད་དུང་བཞད་ལ་ཉེ་བའི་མེ་ཏོག་གི་ས་བོན་ག་ཚོད་ཡོད་དམ།

༢༠༡༡ ལོའི་ཟླ་ ༡༡ ཚེས་ ༥ ཉིན་བྲིས།
25 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.