2013-12-27

དྲི་བ། སྐུ་བཞི་ཡོད་པ་དེ་གང་དག་ཡིན་ནམ།

ལན། སྤྲུལ་སྐུ། ལོངས་སྐུ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ་དང་བཞི་ཡིན།

དྲི་བ། དགེ་བ་བཞི་དེ་གང་དག་ཡིན་ནམ།

ལན། དོན་དམ་པའི་དགེ་བ། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གི་དགེ་བ་དང་བཞི་ཡིན།

དྲི་བ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དེ་གང་དག་ཡིན་ནམ།

ལན། མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་དང་བཞི་ཡིན།

དྲི་བ། བསྡུ་བའི་དངོས་པོ་བཞི་དེ་གང་ཡིན་ནམ།

ལན། མཁོ་བ་སྦྱིན་པ། སྙན་པ་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་དང་བཞི་ཡིན།

དྲི་བ། ཚད་མེད་བཞི་དེ་གང་དག་ཡིན་ནམ།

ལན། བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་དང་བཞི་ཡིན།

དྲི་བ། བྱམས་པ་ཚད་མེད་ཟེར་ན་གང་ཞིག་ལ་ཟེར།

ལན། སེམས་ཅན་ཚད་མེད་པར་བདེ་བ་དང་ལྡན་འདོད་ཀྱི་བསམ་པ་ཞིག་ལ་ཟེར།

དྲི་བ། སྙིང་རྗེ་ཚད་མེད་ཟེར་ན་གང་ཞིག་ལ་ཟེར།

ལན། སེམས་ཅན་ཚད་མེད་པར་སྡུག་བསྔལ་ལས་འབྲལ་འདོད་ཀྱི་བསམ་པ་ཞིག་་ལ་ཟེར།

དྲི་བ། དགའ་བ་ཚད་མེད་ཟེར་ན་གང་ཞིག་ལ་ཟེར།

ལན། སེམས་ཅན་ཚད་མེད་པར་བདེ་བ་དང་མི་འབྲལ་ན་ཅི་མ་རུང་སྙམ་པའི་བློ་ཞིག་ལ་ཟེར།

དྲི་བ། བཏང་སྙོམས་ཚད་མེད་ཟེར་ན་གང་ཞིག་ལ་ཟེར།

ལན། སེམས་ཅན་ཀུན་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་ཞིག་ལ་ཟེར།

དྲི་བ། ནང་པའི་གྲུབ་མཐའ་སྨྲ་བ་བཞི་དེ་གང་དག་ཡིན་ནམ།

ལན། བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་དང་བཞི་ཡིན།

དྲི་བ། བདུད་བཞི་དེ་གང་དག་ཡིན་ནམ།

ལན། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ཕུང་པོའི་བདུད། ལྷའི་བུའི་བདུད་དང་བཞི་ཡིན།

དྲི་བ། ཟས་ལ་བཞི་དེ་གང་དག་ཡིན་ནམ།

ལན། ཁམ་གྱི་ཟས། རེག་པའི་ཟས། བསམ་པའི་ཟས། ཏིང་ངེ་འཛིན་གྱི་ཟས་དང་བཞི་ཡིན།

དྲི་བ། སྦྱོར་ལམ་བཞི་དེ་གང་དག་ཡིན་ནམ།

ལན། སྦྱོར་ལམ་དྲོད། སྦྱོར་ལམ་རྩེ་མོ།  སྦྱོར་ལམ་བཟོད་པ། སྦྱོར་ལམ་ཆོས་མཆོག་དང་བཞི་ཡིན།

དྲི་བ། བསམ་གཏན་བཞི་དེ་གང་དག་ཡིན་ནམ།

ལན། བསམ་གཏན་དང་པོ། བསམ་གཏན་གཉིས་པ། བསམ་གཏན་གསུམ་པ། བསམ་གཏན་བཞི་པ་དང་བཞི་ཡིན།

དྲི་བ། གཟུགས་མེད་བཞི་དེ་གང་དག་ཡིན་ནམ།

ལན། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད༌། སྲིད་རྩེ་དང་བཞི་ཡིན།

དྲི་བ། སྐྱེ་གནས་བཞི་དེ་གང་དག་ཡིན་ནམ།

ལན། མངའ་སྐྱེས། སྒོང་སྐྱེས། དྲོད་གཤེར་སྐྱེས། བརྫུན་སྐྱེས་དང་བཞི་ཡིན།

དྲི་བ། སྲིད་པ་བཞི་དེ་གང་དག་ཡིན་ནམ།

ལན། སྐྱེ་སྲིད། འཆི་སྲིད། བར་སྲིད། སྔོན་དུས་ཀྱི་སྲིད་པ་དང་བཞི་ཡིན།
27 Dec 2013

0 མཆན།:

Post a Comment

:) :)) ;(( :-) =)) ;( ;-( :d :-d @-) :p :o :>) (o) [-( :-? (p) :-s (m) 8-) :-t :-b b-( :-# =p~ $-) (b) (f) x-) (k) (h) (c) cheer
Click to see the code!
To insert emoticon you must added at least one space before the code.